返回首頁
 
 

本會簡介
傳承介紹
傳承寺院
傳承上師
上師介紹
上師開示
最新訊息
活動剪影
希望工程
結緣專區
相關連結
聯絡我們
討論園地

首頁╱傳承寺院/智噶寺介紹
中文版

 

 

༅།།  སྔ་འགྱུར་དྲེལ་དཀར་འོག་མིན་གསང་ཆེན་བཤད་སྒྲུབ་གླིང་གི་

ལོ་རྒྱུས་མདོར་བསྡུས་བཞུགས།།

དེ་ཡང་རྒྱལ་ཁབ་དང་མི་རིགས་གང་ཡིན་ཀྱང༌།  རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས་པ་ལ་ཐོག་མར་ལོ་རྒྱུས་དང་འབྱུང་ཁུང་ཡང་དག་ཞིག་དགོས། དེར་མ་ཟད་བོད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་བཟང་པོ་འདི་མི་མཉམ་ཡུན་གནས་སུ་ཡོང་བ་ལ་མི་རིགས་ཀྱི་ལོ་རྒྱུས་དང་གོམས་སྲོལ་སྐད་ཡིག་སོགས་ཕུན་སུམ་ཚོགས་པ་ཞིག་ངེས་པར་ཚང་དགོས། 

དེས་ན་སྔ་འགྱུར་དྲེལ་དཀར་དགོན་པའི་ལོ་རྒྱུས་དང༌། ཆོས་རྒྱུད་གྱི་བྱུང་བ་མདོ་ཙམ་བྲི་བ་ལ་མངོན་པར་ཕྱོགས་སོ།  དེ་ཡང་སྐལ་བ་བཟང་པོ་སངས་རྒྱས་སྟོང་གི་གདུལ་ཞིང༌། ལྷོ་རྒྱལ་འཛམ་བུ་གླིང་གི་བྱང་ངོས། བསིལ་ལྡན་གངས་ལྗོངས་ཕྱུག་མོའི་ཆ་ཤས། འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས། རྫ་ཀློང་སྔོན་མོ་དལ་ཀྱི་འབབ་པའི་གཡས་ཟུར་དུ་ཁྲོམ་ཟ་འགན་མ་ཞེས་པའི་སྡེ་བ་ཆག། དེ་ཡང་ཐོག་མར་དབལ་ཤུལ་བླ་མ་ཐར་དང་ཤཀྱཱ་ཐར་ཞེས་པའི་བུ་སྤུན་གཉིས་ལ།  ལྡན་མ་རྟོགས་ལྡན་ཞེས་པའི་རྣལ་འབྱོར་བ་ཞིག་གིས་ལུང་བསྟན་ཏེ། བུ་ཁྱེད་རང་གཉིས་ལས། གཅིག་གིས་ཡོད་ས་ཞིག་དང་དར་ས་ཞིག་ལ་གཞི་བཟུང༌། གཅིག་གིས་ཕྱུག་པོ་གསུམ་གྱི་མདོར་གཞི་བཟུང་་གསུངས་པ་བཞིན། བུ་ཆེ་བས་ད་ལྟ་ཁྲོམ་ཟ་གོང་མའི་ས་རྫ་རྒྱལ་འཕན་ཕྱུག

ལྕང་མ་རྟ་ཕྱུག ངང་མ་ལུག་ཕྱུག་གསུམ་གྱི་མདོར་མདུང་དར་བཙུགས་ཏེ་གཞི་བཟུང༌། བུ་ཆུང་བས་ད་ལྟ་ཁྲོམ་ཟ་འགན་མའི་ས། ཡོད་དར་མདོ་རུ་མདུང་དར་བཙུག་ནས་གཞི་བཟུང་བར་གྲགས།  ཁྲོམ་ཟ་འོག་མ་འདི་ཉིད་དང་པོ་དུད་བདུན་མའི་དུས་ནས་དེང་སང་དུད་ཁྱིམ་དྲུག་བརྒྱར་ཉེ་བ་འདི་ཡིན་ལ།

ཐོག་མར་ཁྲོམ་ཟ་ཚོང་དཔོན་ཀྱི་དུས་སུ་མ་ཎི་རྡོ་འབུམ་ཆེན་པོ་ཡོད་དར་མ་ཎི་ཞེས་པ་རིང་ཚད་ལེ་བར་གཅིག་ཡོད་པབཞེངས། དེ་ལྟ་བའི་ལོ་རྒྱུས་རིང་མོ་ལྡན་པའི་ས་དེར། གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་དྲེལ་དཀར་འོག་མིན་གསང་ཆེན་བཤད་སྒྲུབ་གླིང་འདི་ཉིད་ཆགས་སོ།  དེ་ཡང་རྒྱལ་དབང་ལྔ་བ་ཆེན་པོས་ལུང་བསྟན་པ་ལྟར། ས་སྐྱའི་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས། དྲེལ་དཀར་ངག་པདྨ་ནི་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་སྤྲུལ་པ་འཁྲུལ་མེད་ཡིན་པ་དང༌། དྲེལ་དཀར་རི་ངོགས་སུ་དགོན་པ་བཏབ་ན་བསྟན་འགྲོ་ལ་ཕན་པ་དང་འཕྲལ་ཕུགས་ཀུན་ཏུ་དགེ་བར་འོང་བའི་ལུང་བསྟན་ཐོབ།  ཐོག་མར་རྗེ་ཉིད་བྲག་སྒམ་ཞེས་པའི་ས་ཆར་དགོན་སའི་རྟེན་འབྲེལ་བརྟག་པར་དགོངས་ཏེ་གསོལ་ཇ་སྐོལ་ནས་བཞུགས་ཙ་ན། བྱ་རོག་སྒྲོ་ཐིག་དཀར་པོ་ཅན་ཞིག་གིས་རྗེ་ཉིད་ཀྱི་ཟུར་དུ་བཞག་པའི་ཕྱག་ཕྲེང་ཁུར་དེ་དྲེལ་དཀར་བྲག་རིལ་གྱི་སྟེང་དུ་བཞག། བྱ་དེ་ཆོས་སྐྱོང་གི་བླ་བྱ་ཡིན་པ་དང་རྟེན་འབྲེལ་ལེགས་པར་འདུག་དགོངས་ཏེ་ས་དཔྱད་རྟགས། གནས་དེ་ནི་རྫ་ཀླུང་བསིལ་མ་དལ་གྱི་འབབ་པའི་གཡོན་འགྲམ།   རླང་སྟོན་བྱང་ཆུབ་འདྲེན་ཁོལ་གྱིས་བྱིན་གྱིས་རླབས་ཤིང་རྒྱལ་ཚབ་བྱམས་པ་མགོན་པོའི་ཞིང་ཁམས་སུ་གྲགས་པ། བཙན་རྒོད་རོལ་བ་རྐྱ་བདུན་རང་ཤུག་ཏུ་འདུ་བ་དང༌། ཁྱད་པར་གྱི་གནས་བདག་ས་འདིར་དཔའ་བོ་དང་དྲེལ་དཀར་རྡོ་རྗེ་གཡུང་དྲུང་གཉིས་གྱིས་བདག་དུ་བཟུང་བའི་གནས། མདུན་གྱི་ཐང་ཆེན་དུ་བཀྲ་ཤིས་ནོར་བུ་དགལ་འཁྱིལ་སོགས་ཀྱི་རི་མོ་རང་བྱུང་འབུལ་དོད་དུ་བྱུང་ཞིང༌། དེར་ཐོན་པ་ཙམ་གྱིས་ཉམས་དགའ་ཞིང་བྱིན་ཆགས་པའི་སྣང་བ་གཏེར་བའི་གནས་དེརདགོན་སའི་རྨང་གཞི་བཏངས་སོ། གནས་དེའི་ཆགས་དབྱིབས་ནི། ཤར་གྱི་སྒོ་སྲུང་ཟོ་དར་ཤུགས་པ་གཡག་རྔ། ཙ་རི་ཊ་ཡི་གནས་མཆོག རང་བྱོན་དང་གཏེར་ཁ་དུ་མས་བརྒྱན་པ། རྒྱ་འཟའ་ཀོང་ཇོས་བྲིས་པའི་གནའ་བོའི་དུས་ཀྱི་ཡི་གེ་དང་རྣམ་པར་སྣང་མཛད་གངས་ཅན་མཚོའི་ལྷ་སྐུ་དང་དེའི་བསྟོད་པ། ལྷོ་ཡི་སྒོ་སྲུང་སྨན་བཙུན་ཇོ་མོ་སྤུན་གསུམ། ནུབ་གྱི་སྒོ་སྲུང་དགྲ་བླ་ཡོད་དར་སྟག་རྩེ།  བྱང་གི་སྒོ་སྲུང་ལྷ་རིགས་སྨན་བཙུན་མཆེད་ལྔའི་ཕོ་བྲང༌། ཡུལ་ལྷ་སྒོ་རྒྱལ་རིགས་ལྔ་སོགས་ཕྱོགས་མཚམས་ཀུན་ཏུ་ལྷ་རིགས་དགེ་བསྙེན་དག་གིས་སྲུང་བ། གཞན་ཡང་ཤར་ནམ་མཁའ་འདའ་སྟོང་རྒྱ་སྟག་འཛུམས་འདྲ། ལྷོའི་གཙང་པོ་གཡུ་འབྲུག་གྱེན་འགྲོ་འདྲ་བ། ནུབ་ཀྱིབྲག་དཀར་གསེར་བྱ་གཟེན་ལ་ཆས་འདྲ། བྱང་གི་རི་བོ་རུས་སྦལ་ས་གཞི་སྲུང་འདྲ། ནོར་བུ་གདན་ལ་འཁོད་འདྲའི་དཀྱིལ་ཀློང༌། སྒོམ་ཆེན་ཉམས་ལ་བཞག་འདྲའི་སཏིང་འཛིན་སྒོམ་པ་རང་ཤུགས་ཀྱི་སྐྱེ་བའི་གནས།  དེ་ལྟ་བུའི་གནས་དེར་བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་ཁྱིའི་ལོར་སྤྱི་ལོ་༡༧༥༦པར་རྗེ་དྲེལ་དཀར་ངག་དབང་པདྨ་དཔལ་བཟང་པོས་ཐོག་མར་ཕྱག་བཏབ་གནང༌། 

དེ་ནས་བཟུང་དྲེལ་དཀར་སྐུ་རིམ་བྱོན་གྱིས་གསང་སྔགས་སྔ་འགྱུར་བའི་ཆོས་སྡེ་ཆེན་མོ་དྲེལ་དཀར་དགོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཕྱི་རྟེན་གཙུག་ལག་ཁང་ནང་རྟེན་ལྷ་སྐུ་རྟེན་གསུམ་དང་འདུས་པའི་སྡེ་སོགས་རྒྱལ་བསྟན་རིན་པོ་ཆེ་ཡུལ་དེའི་སྐྱེ་འགྲོ་ཡོངས་གྱི་དཔྱིད་དཔལ་དུ་ཤར་རོ།

 

 


建議使用Internet Explorer 6.0以上版本瀏覽器,1024 × 768 解析度瀏覽本網站