返回首頁

སྔ་འགྱུར་དྲེལ་དཀར་འོག་མིན་གསང་ཆེན་བཤད་སྒྲུབ་གླིང་།

སྔ་འགྱུར་དྲེལ་དཀར་ལྔ་རིགས་མི་ཕམ་ནོར་བུའི་གླིང་།

སྔ་འགྱུར་དྲེལ་དཀར་མདོ་བརྒྱུད་ཆོས་གླིང་།

སྔ་འགྱུར་དྲེལ་དཀར་བྱང་ཆུབ་ཆོས་གླིང་།

དྲ་ཚིག་གི་ནང་དོན་སྙིང་བསྡུས།

དེ་ཡང་རྒྱལ་སྤྱིའི་དྲ་བའི་རིག་གནས་ཀྱི་མཐོ་རླབས་ཁྲོད་བོད་ཀྱི་སྐད་ཡིག་དང་ཆོས་རིག་ཀྱང་དྲ་བའི་རིག་གནས་ཀྱི་ལྡུམ་རའི་ནང་ཉིན་རེ་བཞིན་སྐྱེད་འཚལ་འབྱུང་བཞིན་པའི་དུས་ཚོད་བཟང་པོ་འདིར་གུས་པས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དང་ཁྱད་པར་སྟོན་པ་སངས་རྒྱས་ནས་རྒྱ་གར་པན་གྲུབ་དག་གི་ངོ་སྤྲོད།

རིས་མེད་ཆོས་བརྒྱུད་ཁག་གི་འབྱུང་ཁུངས་དང་འདོད་ཚུལ། སྔ་འགྱུར་བསྟན་པ་སྤྱི་བྱེ་བྲག་སྙིང་ཐིག་རིན་པོ་ཆེའི་སྐོར་གྱི་ཆོས་དང་བརྒྱུད་པའི་བྱུང་བ། ཁྱད་པར་རང་དགོན་སྔ་འགྱུར་རྫ་དྲེལ་དཀར་དགོན་དང་དེའི་ཁོངས་གཏོགས་ཐའེ་ཝན་གྱི་དྲེལ་དཀར་ཆོས་ཚོགས་སོགས་འབྲེལ་ཡོད་ངོ་སྤྲོད་དང་གནས་འཕྲིན་ཤེས་བྱའི་སྐོར་ཆེད་འགོད་བྱེད་ས་བཅས་ལ་དམིགས་པ་ཡིན།

དྲ་བ་འདི་སྔར་ཡོད་རྒྱ་ཡིག་དྲ་བའི་རྨང་གཞིའི་ཐོག་བོད་ཡིག་གི་དྲ་ངོས་ཆ་ཚང་བསྣན་ཏེ་ཤར་གཏོང་ཞུས་པ་
ཁུངས་གཏུགས་ས་ཆོས་འབྱུང་ཚད་ལྡན་དང་ལོ་རྒྱུས་ཚན་ལྡན་ལ་གཞི་བཅོལ་ནས་ཕྱོགས་བསྡུས་བྱས་པ་ལས་ཁུངས་མེད་ཀྱི་ཡིག་ཆ་དང་རང་བཟོ་གང་ཡང་བྱས་མེད། ཡིནའང་ཉམས་མྱོང་དང་ཤེས་ཚད་ཀྱིས་མ་འདང་བའི་སྐྱོན་ཆ་མཆིས་ངེས་ལ་དགོངས་ཚུལ་ལྷུག་པོར་གནང་བ་དང་།
ལེགས་བྱས་ཀྱི་ཆ་ཇི་སྙིད་མཆིས་པ་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་གི་ཆེད་དུ་དམིགས་པ་
ཡིན་པས་དེ་བཞིན་དུ་འགྲུབ་པར་སྨོན།

བོད་རྒྱལ་ལོ་༢༡༣༨ སྤྱི་ལོ་༢༠༡༡ལོའི་
ཟླ་ཚེས་༡༠

མགར་ཆོས་ཉིད་དོན་རྟོགས་ནས།